ལོ་འཁོར་གྱི་དུས་མཆོད།


བཀའ་བརྒྱད་གར་འཆམ།

བོད་ཟླ་བ་༠༤་པའི་ཚེས་༡༦་་༡༧་་་༡༨་་་གསུམ་ལ་གསང་སྔགས་གསར་རྙིང་གཉིས་ཀྱི་གར་འཆམ་ཡོད་པ་དང་། སྒྲུབ་མཆོད་ཆེན་མོ་བཀའ་བརྒྱད་དེ་ནི་བདུན་ཕྲག་གཅིག་ཙམ་གྲྭ་མང་ཚོགས་ཏེ་བསྒྲུབ་སྲོལ་ཡོད། ཆོས་སྲུང་ཡོངས་རྫོགས་ཀྱི་གསོལ་ཁ་རྒྱས་པ་དང་དེ་བཞིན།མགོན་པའི་ཟློག་པ་སོགས་ཉིན་བདུན་ཕྲག་གཅིག་བསྒྲུབ་ཅིང་། ཚེས་༢༦ཉིནརྡོ་རྗེ་གར་འཆམ་གྱི་སྟ་གོན་དང་། ཚེས་༢༧་དང་༢༨གཉིས་དགེ་འདུན་པ་རྣམས་ཀྱིས་སྐུ་འབག་དང་འཆམ་གོས་བསྣམས་ཏེ་དངོས་གཞི་ཉིན་གཉིས་རིང་རྡོ་རྗེ་གར་འཆམ་མཛད་སྲོལ་ཡོད།ཚེས་༢༩ཉིན་བཀའ་མགོན་ཟློག་དང་། བཀའ་བརྒྱད་གཉིས་ཀྱི་སྒྲུབ་མཆོད་རྡོ་རྗེ་གར་འཆམ་དང་བཅས་པ་མཇུག་བསྒྲིལ་ཏེ་གཏོར་མ་བཤགས་སྲོལ་ཡོད་དོ།།   

འཁོར་ལོ་བདེ་མཆོག་གི་སྒྲུབ་མཆོད།

བོད་ཟླ་༦པའི་ཚེས་་་་་ནས་བདུན་ཕྲག་གཉིས་རིང་ཐུན་མིན་མགོན་པོ་འབྲི་གུང་པའི་ཡི་དམ་གྱི་ལྷ་མཆོག་དཔལ་འཁོར་ལོ་བདེ་མཆོག་གི་སྙེན་གྲུབ་ཆོ་ག་རྒྱས་པ་ཚོགས་ཤིང་། ས་རྡུལ་ནས་འགོ་འཛུགས་ཏེ་རྡུལ་ཚོན་གྱི་མནྜལ་རྒྱས་པ་བཞེངས་ཏེ་བདེ་མཆོག་ལྷ་བརྒྱད་ཆོ་ག་རྒྱས་པ་ཚོགས་སྲོལ་ཡོད།

ཟླ་རེའི་དུས་མཆོད།

བོད་ཚེས། ༠༣ ལ་ཕག་མོ། ༠༨ སྨན་བླ་དང་། ཆོས་གྲགས་ཀྱི་མདོ། ༡༤ ཞི་ཁྲོ་དང་། ཆོས་གྲགས་ཀྱི་མདོ། ༡༩ བཀའ་བརྒྱད། ༢༣ ཕག་མོ་དང་། ཆོས་གྲགས་ཀྱི་མདོ། ༢༥ བླ་མ་མཆོད་པ། ༢༩ ཆོས་སྲུང་གསོལ་ཁ་རྒྱས་པ་དང་། ཆོས་གྲགས་ཀྱི་མདོ། ༣༠ གནས་བརྟན་ཕྱག་མཆོད་དང་། ཆོས་གྲགས་ཀྱི་མདོ།

Comments are closed.
Skip to toolbar